宏愿 - 罗布桑珠 [WAV]

宏愿

更新:2026-09-11 17:18
标签
歌词
作词 : 岗华 作曲 : 三智才让 ཕ་ཡུལ་ཉི་ཟླའི་དཀྱིལ་འཁོར། ། དཀྱིལ་འཁོར་གངས་ཅན་ཁ་བ། ། རྒྱུ་འབྲས་ཅན་གྱི་མི་ལ། ། ཉི་ཟླའི་པང་ན་སྐྱེས་ཡོད། ། འདི་ནི་ཚེ་རབས་སྔོན་མས། ། གསོལ་བ་བཏབ་པའི་མཐུ་རེད། ། ད་ནས་ཚེ་རབས་ཀུན་ཏུ། ། ཡང་ཡང་སྐྱེ་བའི་སྨོན་ལམ། ། ད་ནས་ཚེ་རབས་ཀུན་ཏུ། ། ཡང་ཡང་སྐྱེ་བའི་སྨོན་ལམ། ། ཕ་ཡུལ་གངས་རིའི་ར་བ། ། གངས་རི་ཆུ་ཡི་མཆོད་རྟེན། ། བསོད་ནམས་ཅན་གྱི་མི་ལ། ། ཆུ་ལྷས་དངོས་གྲུབ་བསྩལ་ཡོད། ། འདི་ནི་སྐྱེ་བ་སྔོན་མས། ། དགེ་བ་བསྒྲུབ་པའི་ལས་རེད། ། ད་ནས་སྐྱེ་བ་ཀུན་ཏུ། ། དགེ་བའི་ལས་འབྲས་སྨིན་རོགས། ། ད་ནས་སྐྱེ་བ་ཀུན་ཏུ། ། དགེ་བའི་ལས་འབྲས་སྨིན་རོགས། ། བདེ་བ་ཅན་གྱི་ཞིང་ཁམས། ། བྱིན་ཆགས་གངས་ཀྱི་ལུང་པ། ། ཆོས་སྐལ་ཅན་གྱི་མི་ལ། ། སྙིང་རྗེའི་སེམས་པ་འཁྲུངས་ཡོད། ། འདི་ནི་མི་རབས་ཕྲེང་བར། ། དད་པ་ཡོད་པའི་སྟོབས་རེད། ། བསོད་ནམས་ཆོས་ཀྱི་རྔ་སྒྲ། ། ཡང་ཡང་གོ་བའི་སྨོན་ལམ། ། བསོད་ནམས་ཆོས་ཀྱི་རྔ་སྒྲ། ། ཡང་ཡང་གོ་བའི་སྨོན་ལམ། ། 翻译 : 贝尔斯